Degé Kangyur volume 17, F.203.b

ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུ་ཤེས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདུ་ཤེས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་ཤེས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འདུ་བྱེད་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་མྱིག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིག་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། མྱིག་གི་མ་སྐྱེས་པ་གང་ཡིན་པ་དེ་མྱིག་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བ་ནི་རྣ་བས་སྟོང་སྟེ། གང་སྟོང་པ་དེ་ནི་རྣ་བ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རྣ་བའི་མ་སྐྱེས་པ་གང་ཡིན་པ་དེ་རྣ་བ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣ་ནི་སྣས་སྟོང་སྟེ། གང་སྟོང་པ་དེ་ནི་སྣ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། སྣའི་མ་སྐྱེས་པ་གང་ཡིན་པ་དེ་སྣ་མ་ཡིན་ནོ། །​ཚེ་དང་ལྡན་པ་ས་ར་དྭ་ཏིའི་བུ། ལྕེ་ནི་ལྕེས་སྟོང་སྟེ། གང་སྟོང་པ་དེ་ནི་ལྕེ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལྕེའི་མ་སྐྱེས་པ་གང་ཡིན་པ་དེ་ལྕེ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལུས་ནི་ལུས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ལུས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ལུས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ལུས་མ་ཡིན་ནོ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཡིད་ནི་ཡིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་ཡིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10623#UT22084-014-001-10623