Degé Kangyur volume 17, F.203.a

སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། །མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱི་འཇིགས་པ་རྣམས་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོ་མ་ཡིན། སྙིང་རྗེ་ཆེན་པོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། ཐམས་ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཐམས་ཅད་ཤེས་པ་ཉིད་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན། ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་གཟུགས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ཚོར་བ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །​ཚེ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10622#UT22084-014-001-10622