Degé Kangyur volume 17, F.171.a

མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ཆུའི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་བ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་མྱེའི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རླུང་གི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ནམ་མཁའི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རྣམ་པར་ཤེས་པའི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་མ་རིག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་འདུ་བྱེད་ཅེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རྣམ་པར་ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་མིང་དང་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་སྐྱེ་མཆེད་དྲུག་ཅེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །གང་སྲེད་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ལེན་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་སྲིད་པ་ཞེས་བགྱི་བ་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10806#UT22084-014-001-10806