Degé Kangyur volume 17, F.170.b

ཤེས་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་མྱིག་གི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རྣ་བའི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་སྣའི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ལྕེའི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ལུས་ཀྱི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་ཤིང་ཉམ་པ་མ་མཆིས་པའི་ཆོས་ཀྱི་གྲངས་སུ་བགྱིས་པའོ། །​གང་སའི་ཁམས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10805#UT22084-014-001-10805