Degé Kangyur volume 17, F.162.a

ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་འགྲི། བ་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་སོ། །​བཅོམ་ལྡན་འདས་མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་མྱིང་དང་གཟུགས་མ་ལགས་ཏེ། དེ་ལྟར་ན་མྱིང་དང་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིང་དང་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་མྱིང་དང་གཟུགས་མ་ལགས་སོ། །​བཅོམ་ལྡན་འདས་སྐྱེ་མཆེད་དྲུག་གི་འགྲིབ་པ་གང་ལགས་པ་དེ་ནི་སྐྱེ་མཆེད་དྲུག་མ་ལགས་ཏེ། དེ་ལྟར་ན་སྐྱེ་མཆེད་དྲུག་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་མཆེད་དྲུག་གི་འགྲིབ་པ་གང་ལགས་པ་དེ་སྐྱེ་མཆེད་དྲུག་མ་ལགས་སོ། །​བཅོམ་ལྡན་འདས་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་རེག་པ་མ་ལགས་ཏེ། དེ་ལྟར་ན་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་པའི་འགྲིབ་པ་གང་ལགས་པ་དེ་རེག་པ་མ་ལགས་སོ། །​བཅོམ་ལྡན་འདས་ཚོར་བའི་འགྲིབ་པ་གང་ལགས་པ་དེ་ནི་ཚོར་བ་མ་ལགས་ཏེ། དེ་ལྟར་ན་ཚོར་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཚོར་བའི་འགྲིབ་པ་གང་ལགས་པ་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10547#UT22084-014-001-10547