Degé Kangyur volume 17, F.161.b

ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནམ་མཁའི་ཁམས་མ་ལགས་ཏེ། དེ་ལྟར་ན་ནམ་མཁའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ནམ་མཁའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནམ་མཁའི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ལགས་ཏེ། །དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣམ་པར་ཤེས་པའི་ཁམས་ཀྱི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་སོ། །​བཅོམ་ལྡན་འདས་མ་རིག་པའི་འགྲིབ་པ་གང་ལགས་པ་དེ་ནི་མ་རིག་པ་མ་ལགས་ཏེ། དེ་ལྟར་ན་མ་རིག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མ་རིག་པའི་འགྲིབ་པ་གང་ལགས་པ་དེ་མ་རིག་པ་མ་ལགས་སོ། །​བཅོམ་ལྡན་འདས་འདུ་བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་འདུ་བྱེད་མ་ལགས་ཏེ། དེ་ལྟར་ན་འདུ་བྱེད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་འདུ་བྱེད་ཀྱི་འགྲིབ་པ་གང་ལགས་པ་དེ་འདུ་བྱེད་མ་ལགས་སོ། །​བཅོམ་ལྡན་འདས་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10546#UT22084-014-001-10546