Degé Kangyur volume 17, F.158.a

འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་འགྲིབ་པ་གང་ལགས་པ་དེ་ཡིད་མ་ལགས་སོ། །​བཅོམ་ལྡན་འདས་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་སོ། །བཅོམ་ལྡན་འདས་སྒྲའི་འགྲིབ་པ་གང་ལགས་པ་དེ་ནི་སྒྲ་མ་ལགས་ཏེ། དེ་ལྟར་ན་སྒྲ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྒྲའི་འགྲིབ་པ་གང་ལགས་པ་དེ་སྒྲ་མ་ལགས་སོ། །​བཅོམ་ལྡན་འདས་དྲིའི་འགྲིབ་པ་གང་ལགས་པ་དེ་ནི་དྲི་མ་ལགས་ཏེ། དེ་ལྟར་ན་དྲི་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲིའི་འགྲིབ་པ་གང་ལགས་པ་དེ་དྲི་མ་ལགས་སོ། །​བཅོམ་ལྡན་འདས་རོའི་འགྲིབ་པ་གང་ལགས་པ་དེ་ནི་རོ་མ་ལགས་ཏེ། དེ་ལྟར་ན་རོ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རོའི་འགྲིབ་པ་གང་ལགས་པ་དེ་རོ་མ་ལགས་སོ། །​བཅོམ་ལྡན་འདས་རེག་གི་འགྲིབ་པ་གང་ལགས་པ་དེ་ནི་རེག་མ་ལགས་ཏེ། དེ་ལྟར་ན་རེག་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི། གཅིག་མ་ལགས། གཉིས་མ་ལགས། མང་བ་མ་ལགས། ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་གི་འགྲིབ་པ་གང་ལགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10539#UT22084-014-001-10539