Degé Kangyur volume 17, F.157.b

བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འགྲིབ་པ་གང་ལགས་པ་དེ་མྱིག་མ་ལགས་སོ། །​བཅོམ་ལྡན་འདས་རྣ་བའི་འགྲིབ་གང་ལགས་པ་དེ་ནི་རྣ་བ་མ་ལགས་ཏེ། དེ་ལྟར་ན་རྣ་བ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྣ་བའི་འགྲིབ་པ་གང་ལགས་པ་དེ་རྣ་བ་མ་ལགས་སོ། །​བཅོམ་ལྡན་འདས་སྣའི་འགྲིབ་པ་གང་ལགས་པ་དེ་ནི། སྣ་མ་ལགས་ཏེ། དེ་ལྟར་ན་སྣ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྣའི་འགྲིབ་པ་གང་ལགས་པ་དེ་སྣ་མ་ལགས་སོ། །​བཅོམ་ལྡན་འདས་ལྕེའི་འགྲིབ་པ་གང་ལགས་པ་དེ་ནི་ལྕེ་མ་ལགས་ཏེ། དེ་ལྟར་ན་ལྕེ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་འགྲིབ་པ་གང་ལགས་པ་དེ་ལྕེ་མ་ལགས་སོ། །​བཅོམ་ལྡན་འདས་ལུས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ལུས་མ་ལགས་ཏེ། དེ་ལྟར་ན་ལུས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་འགྲིབ་པ་གང་ལགས་པ་དེ་ལུས་མ་ལགས་སོ། །​བཅོམ་ལྡན་འདས་ཡིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ཡིད་མ་ལགས་ཏེ། དེ་ལྟར་ན་ཡིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10538#UT22084-014-001-10538