Degé Kangyur volume 17, F.75.b

མྱིང་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། མངོན་པར་ཤེས་པ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་མངོན་པར་ཤེས་པ་རྣམས་མྱེད། མངོན་པར་ཤེས་པ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་གང་ཡིན་པ་དང་། མངོན་པར་ཤེས་པ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། ཏིང་ངེ་འཛིན་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། མྱིང་ལ་ཡང་ཏིང་ངེ་འཛིན་རྣམས་མྱེད། ཏིང་ངེ་འཛིན་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་གཟུངས་ཀྱི་སྒོ་རྣམས་མྱེད། གཟུངས་ཀྱི་སྒོ་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་འདི་ནི་གློ་བུར་དུ་མྱིང་དུ་བཏགས་པ་སྟེ། མྱིང་ལ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་མྱེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10376#UT22084-014-001-10376