Degé Kangyur volume 17, F.67.a

པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རིགས་ཀྱི་སའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རིགས་ཀྱི་སའི་ཆོས་ནི་བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​བརྒྱད་པའི་ཆོས་རྣམས་ནི་བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམིགས་སོ། །བརྒྱད་པའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རིགས་ཀྱི་སའི་ཆོས་དང་བརྒྱད་པའི་ཆོས་རྣམས་ནི། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རིགས་ཀྱི་སའི་ཆོས་དང་བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ནི། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ནི། རིགས་ཀྱི་སའི་ཆོས་དར། བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རིགས་ཀྱི་སའི་ཆོས་དང་། བརྒྱད་པའི་ཆོས་དང་། རྒྱུན་ཏུ་ཞུགས་པའི་ཆོས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་ནི། ཕྱིར་མྱི་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཕྱིར་མྱི་འོང་བའི་ཆོས་རྣམས་ནི། ཕྱིར་མྱི་འོང་བའི་ཆོས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​ཕྱིར་མི་འོང་བའི་ཆོས་རྣམས་ནི། རིགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10360#UT22084-014-001-10360