Degé Kangyur volume 17, F.66.b

བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​གཟུངས་ཀྱི་སྒོ་རྣམས་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མི་འཇིགས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །​མྱི་འཇིགས་པ་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ནི། དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་དང་མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ནི། བྱམས་པ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོ་ལ་མྱེད་ཅིང་མི་དམྱིགས་སོ། །​བྱམས་པ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པའི་སྟོབས་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །​སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་མྱེད་ཅིང་མྱི་དམྱིགས་སོ། །​སྙིང་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10359#UT22084-014-001-10359