Degé Kangyur volume 16, F.334.b

གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཕྱི་ནང་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཕྱི་ནང་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཆེན་པོ་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཆེན་པོ་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། དོན་དམ་པ་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། དོན་དམ་པ་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། འདུས་བྱས་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། འདུས་བྱས་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། དོར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10117#UT22084-014-001-10117