Degé Kangyur volume 16, F.334.a

ཕྱིན་པ་དང་། མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ། །​དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་ཡང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ། གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ནང་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ནང་སྟོང་པ་ཉིད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཕྱི་སྟོང་པ་ཉིད་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཕྱི་སྟོང་པ་ཉིད་ཀྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10116#UT22084-014-001-10116