Degé Kangyur volume 16, F.299.a

གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ཆོས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ཆོས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10047#UT22084-014-001-10047