Degé Kangyur volume 16, F.298.b

པར་འགྱུར་བ་མྱེད་དོ། །​དྲིའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​དྲིའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རོ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རོའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རོའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རོའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རོའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་གི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ཆོས་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད་གར་ཡང་གནས་པར་འགྱུར་བ་མྱེད་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10046#UT22084-014-001-10046