Degé Kangyur volume 16, F.289.a

པར་བྱའོ། །​དོར་བ་མྱེད་པ་སྟོང་པ་ཉིད་མྱེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​རང་བཞིན་སྟོང་པ་ཉིད་མྱེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་མྱེད་པའི་ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ངོ་བོ་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །​ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །​ཐེག་པོ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །​མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །​མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །​མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10027#UT22084-014-001-10027