Degé Kangyur volume 16, F.288.b

སྲོག་མྱེད་པར་རིག་པར་བྱའོ། །​སྲོག་མྱེད་པའི་ཕྱིར་འགྲོ་བ་མྱེད་པར་རིག་པར་བྱའོ། །​འགྲོ་བ་མྱེད་པའི་ཕྱིར་གསོ་བ་མྱེད་པར་རིག་པར་བྱའོ། །​གསོ་བ་མྱེད་པའི་ཕྱིར་སྐྱེས་བུ་མྱེད་པར་རིག་པར་བྱའོ། །​སྐྱེས་བུ་མྱེད་པའི་ཕྱིར་གང་ཟག་མྱེད་པར་རིག་པར་བྱའོ། །​གང་ཟག་མྱེད་པའི་ཕྱིར་ཤེད་ཅན་མྱེད་པར་རིག་པར་བྱའོ། །​ཤེད་ཅན་མྱེད་པའི་ཕྱིར་ཤེད་བདག་མྱེད་པར་རིག་པར་བྱའོ། །​ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །​བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །​ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །​ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །​མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ནང་སྟོང་པ་ཉིད་མྱེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ཕྱི་སྟོང་པོ་ཉིད་མྱེད་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ཕྱི་ནང་སྟོང་པ་ཉིད་མྱེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​སྟོང་པ་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ཆེན་པོ་སྟོང་པ་ཉིད་མྱེད་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​དོན་དམ་པ་སྟོང་པ་ཉིད་མྱེད་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​འདུས་བྱས་སྟོང་པ་ཉིད་མྱེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​འདུས་མ་བྱས་སྟོང་པ་ཉིད་མྱེད་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་པའི་ཕྱིར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པར་རིག་པར་བྱའོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་མྱེད་པར་རིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10026#UT22084-014-001-10026