Degé Kangyur volume 16, F.278.b

མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྟོང་པ་མ་ཡིན། མྱི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མྱེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མྱེད་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མྱི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མྱེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མྱེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མྱི་དབེན་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཞི་བ་མ་ཡིན། མ་ཞི་བ་མ་ཡིན། དབེན་པ་མ་ཡིན། མྱི་དབེན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྣང་བ་མ་ཡིན། མུན་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྣང་བ་མ་ཡིན། མུན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དམྱིགས་སུ་ཡོད་པ་ཡང་མ་ཡིན། དམྱིགས་སུ་མྱེད་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དམྱིགས་སུ་ཡོད་པ་ཡང་མ་ཡིན། དམྱིགས་སུ་མྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མྱེད་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་ཡང་མ་ཡིན། བརྗོད་དུ་མྱེད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་དེ་ནི་ནམ་མཁའ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10006#UT22084-014-001-10006