Degé Kangyur volume 16, F.278.a

བའི་འབྲས་བུ་མྱེད་དོ། །​དགྲ་བཅོམ་པ་ཉིད་མྱེད་དོ། །​དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མྱེད་དོ། །​རང་སངས་རྒྱས་ཀྱི་ས་མྱེད་དོ། །​བྱང་ཆུབ་སེམས་དཔའི་ས་མྱེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མྱེད། རང་སངས་རྒྱས་ཀྱི་ས་མྱེད། བྱང་ཆུབ་སེམས་དཔའི་ས་མྱེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མྱེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་དང་ལྡན་པ་མ་ཡིན། གཟུགས་མྱེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན་བསྟན་དུ་མྱེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མྱེད་པ་མ་ཡིན། ལྡན་པ་མ་ཡིན། མྱི་ལྡན་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གཟུགས་དང་ལྡན་པ་མ་ཡིན། གཟུགས་མྱེད་པ་མ་ཡིན། བསྟན་ཏུ་ཡོད་པ་མ་ཡིན། བསྟན་ཏུ་མྱེད་པ་མ་ཡིན། ཐོགས་པ་ཡོད་པ་མ་ཡིན། ཐོགས་པ་མྱེད་པ་མ་ཡིན། ལྡན་པ་མ་ཡིན། མྱི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན། མྱི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མྱེད་པ་མ་ཡིན། སྡུག་པ་མ་ཡིན་མྱི་སྡུག་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་པ་མ་ཡིན། མྱི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་ཡོད་པ་མ་ཡིན། བདག་མྱེད་པ་མ་ཡིན། སྡུག་པ་མ་ཡིན། མྱི་སྡུག་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10005#UT22084-014-001-10005