Degé Kangyur volume 16, F.266.a

ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ། ཆེན་པོ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཆེན་པོ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་དོན་དམ་པ་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དོན་དམ་པ་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་འདུས་བྱས་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་འདུས་བྱས་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9981#UT22084-014-001-9981