Degé Kangyur volume 16, F.265.b

མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པོ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ནང་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་ཕྱི་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱི་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་ཕྱི་ནང་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ཕྱི་ནང་སྟོང་པ་ཉིད་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །​རབ་འབྱོར་གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་པ་ཞིག་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9980#UT22084-014-001-9980