Degé Kangyur volume 16, F.252.a

གི་ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཀྱི་ཏིང་ངེ་འཛིན་དང་། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་དང་། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པའི་ཏིང་ངེ་འཛིན་དང་། མཐུན་པ་དང་འགལ་བ་མྱེད་པའི་ཏིང་ངེ་འཛིན་དང་། འོད་དྲི་མ་མྱེད་པའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཀྱི་ཏིང་ངེ་འཛིན་དང་། གློག་གི་འོད་ཀྱི་ཏིང་ངེ་འཛིན་དང་། རྒྱན་ཆེན་པོའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོང་བྱེད་པའི་ཏིང་ངེ་འཛིན་དང་། འཇིག་རྟེན་ཐམས་ཅད་སྐྱོབ་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། རྡུལ་མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བའི་ཏིང་ངེ་འཛིན་དང་། གནས་དམྱིགས་སུ་མྱེད་པ་ལ་བརྩོན་པའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མྱེད་པའི་ཏིང་ངེ་འཛིན་དང་། སྣོད་ལས་རང་འབྱུང་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་ཐམས་ཅད་སྲེག་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཆེན་པོའི་སྒྲོན་མའི་ཏིང་ངེ་འཛིན་དང་། སྟོབས་བཅུའི་འབྱུང་གནས་སུ་གྱུར་པའི་ཏིང་ངེ་འཛིན་དང་། སྒོ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་དང་། ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་རྟོག་པའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མྱེད་པས། རྣམ་པར་གྲོལ་ཞིང་གོས་པ་མྱེད་པའི་ཏིང་ངེ་འཛིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9953#UT22084-014-001-9953