Degé Kangyur volume 16, F.251.b

པའི་ཏིང་ངེ་འཛིན་དང་། སེམས་མྱེད་པར་གནས་པའི་ཏིང་ངེ་འཛིན་དང་། ངེས་པར་གནས་པའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བའི་ཏིང་ངེ་འཛིན་དང་། བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པའི་ཏིང་ངེ་འཛིན་དང་། མཐའ་ཡས་སྒྲོན་མའི་ཏིང་ངེ་འཛིན་དང་། མྱི་མཉམ་པ་དང་མཉམ་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་བྱེད་པའི་ཏིང་ངེ་འཛིན་དང་། ནེམ་ནུར་རྣམ་པར་སེལ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མྱེད་པའི་ཏིང་ངེ་འཛིན་དང་། གཅིག་ཏུ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་དང་། རྣམ་པ་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་དང་། རྣམ་པ་འདོར་བ་མྱེད་པའི་ཏིང་ངེ་འཛིན་དང་། སྤྱོད་པ་དམ་པའི་ཏིང་ངེ་འཛིན་དང་། རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་དང་། བརྡ་དང་སྒྲ་ལ་འཇུག་པའི་ཏིང་ངེ་འཛིན་དང་། རིན་ཆེན་སྙིང་པོའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་ཆགས་པ་མྱེད་པའི་ཏིང་ངེ་འཛིན་དང་། གློག་གི་འོད་ཟེར་བཀོད་པའི་ཏིང་ངེ་འཛིན་དང་། སྤོང་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྒྲོན་མའི་ཏིང་ངེ་འཛིན་དང་། ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་དང་། ཕྱིར་མི་ལྡོག་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པའི་ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་དང་། མངོན་པར་དམྱིགས་པ་མྱེད་པའི་ཏིང་ངེ་འཛིན་དང་། མ་འདྲེས་པའི་བཟོད་པ་དང་ལྡན་པའི་ཏིང་ངེ་འཛིན་དང་། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་པའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པའི་ཟ་མ་ཏོག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9952#UT22084-014-001-9952