Degé Kangyur volume 16, F.222.b

རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། འདོད་ཆགས་ཟད་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། རབ་ཏུ་བྱང་བའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། འདོད་ཆགས་དང་བྲལ་བའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་ཐེག་པ་ཆེན་པོ་དེ་ཡང་ནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། འགོག་པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​འདོད་ཆགས་ཟད་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི། གནས་པའམ་མྱི་གནས་པ་མྱེད་དོ། །​རབ་ཏུ་བྱང་བའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​འགོག་པའི་དབྱིངས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ནམ་མཁའི་དབྱིངས་ནམ་མཁའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །འདོད་ཆགས་ཟད་པའི་དབྱིངས་འདོད་ཆགས་ཟད་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །​རབ་ཏུ་བྱང་བའི་དབྱིངས་རབ་ཏུ་བྱང་བའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །​འདོད་ཆགས་དང་བྲལ་བའི་དབྱིངས་འདོད་ཆགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9897#UT22084-014-001-9897