Degé Kangyur volume 16, F.206.b

དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་བཟོད་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ཤེས་པ་གང་ཡིན་ཞེ་ན། མྱིང་དང་གཟུགས་མྱི་སྐྱེ་བ་ཤེས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བ་ཤེས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པ་གང་ཡིན་ཞེ་ན། གཉིས་ལ་ཡོངས་སུ་རྒྱུ་བ་མྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ཚུལ་གཅིག་ཏུ་བསྟན་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་བསྩལ་བ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མྱེད་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྟ་བ་རྣམ་པར་བཟློག་པ་གང་ཡིན་ཞེ་ན། ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས་རྣམ་པར་སྤོང་བའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་རྣམ་པར་བཟློག་པ་གང་ཡིན་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཟད་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གིས་གང་ཡིན་ཞེ་ན། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུལ་བའི་སེམས་གང་ཡིན་ཞེ་ན། ཁམས་གསུམ་ལ་དགའ་བར་སེམས་པ་མྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞི་བའི་སེམས་གང་ཞེ་ན། དབང་པོ་དྲུག་ཡང་དག་པར་འདུས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐོགས་པ་མྱེད་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་སྤྱན་ཐོབ་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པའི་སྐབས་ཤེས་པ་གང་ཞེ་ན། སྐྱེ་མཆེད་དྲུག་གི་བཏང་སྙོམས་སོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གང་དུ་འདོད་པའི་ཞིང་དུ་འགྲོ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9869#UT22084-014-001-9869