Degé Kangyur volume 14, F.91.a

རྣམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཏིང་ངེ་འཛིན་ཐམས་ཅད་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གཟུངས་ཀྱི་སྒོ་ཐམས་ཅད་ལ། བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མི་འཇིགས་པ་བཞི་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱམས་པ་ཆེན་པོ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྙིང་རྗེ་ཆེན་པོ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཕྱིར་མི་འོང་བའི་འབྲས་བུ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དགྲ་བཅོམ་པ་ཉིད་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རང་བྱང་ཆུབ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6047#UT22084-014-001-6047