Degé Kangyur volume 16, F.47.a

ཤེས་པ་འབྱུང་བ་མྱེད་པ་ལ་གནས་མེད་དོ། །​རྣམ་པར་ཤེས་པ་མི་དམྱིགས་པ་ལ་གནས་མེད་དོ། །​རབ་འབྱོར་མིང་དང་གཟུགས་སྐྱེ་བ་མེད་པ་ལ་གནས་མེད་དོ། །​མིང་དང་གཟུགས་འགག་པ་མེད་པ་ལ་གནས་མེད་དོ། །​མིང་དང་གཟུགས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​མིང་དང་གཟུགས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​མིང་དང་གཟུགས་འབྱུང་བ་མེད་པ་ལ་གནས་མེད་དོ། །​མིང་དང་གཟུགས་མི་དམྱིགས་པ་ལ་གནས་མེད་དོ། །​རབ་འབྱོར་སྐྱེ་མཆེད་དྲུག་སྐྱེ་བ་མེད་པ་ལ་གནས་མྱེད་དོ། །​སྐྱེ་མཆེད་དྲུག་འགག་པ་མེད་པ་ལ་གནས་མེད་དོ། །​སྐྱེ་མཆེད་དྲུག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་གནས་མེད་དོ། །​སྐྱེ་མཆེད་དྲུག་མངོན་པར་འདུ་བྱ་བ་མྱེད་པ་ལ་གནས་མེད་དོ། །​སྐྱེ་མཆེད་དྲུག་འབྱུང་བ་མེད་པ་ལ་གནས་མེད་དོ། །​སྐྱེ་མཆེད་དྲུག་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་རེག་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །​རེག་པ་འགག་པ་མེད་པ་ལ་གནས་མེད་དོ། །​རེག་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །​རེག་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །​རེག་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །​རེག་པ་མི་དམིགས་པ་ལ་གནས་མེད་དོ། །​རབ་འབྱོར་ཚོར་བ་སྐྱེ་བ་མེད་པ་ལ་གནས་མེད་དོ། །​ཚོར་བ་འགག་པ་མྱེད་པ་ལ་གནས་མེད་དོ། །​ཚོར་བ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མྱེད་དོ། །​ཚོར་བ་མངོན་པར་འདུ་བྱ་བ་མྱེད་པ་ལ་གནས་མེད་དོ། །​ཚོར་བ་འབྱུང་བ་མེད་པ་ལ་གནས་མེད་དོ། །​ཚོར་བ་མྱི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྲེད་པ་སྐྱེ་བ་མྱེད་པ་ལ་གནས་མེད་དོ། །​སྲེད་པ་འགག་པ་མྱེད་པ་ལ་གནས་མེད་དོ། །​སྲེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མྱེད་པ་ལ་གནས་མྱེད་དོ། །​སྲེད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མྱེད་དོ། །​སྲེད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7542#UT22084-014-001-7542