Degé Kangyur volume 16, F.15.a

རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། ཏིང་ངེ་འཛིན་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་ཏིང་ངེ་འཛིན་དེ་དག་ཀྱང་དམྱིགས་ལ། ཏིང་ངེ་འཛིན་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། གཟུངས་ཀྱི་སྒོ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་དེ་དག་ཀྱང་དམྱིགས་ལ། གཟུངས་ཀྱི་སྒོ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་དེ་དག་ཀྱང་དམྱིགས་ལ། དེ་བཞིན་གཤེགས་པའི་སྟོབས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། མྱི་འཇིགས་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་མྱི་འཇིགས་པ་དེ་དག་ཀྱང་དམྱིགས་ལ། མྱི་འཇིགས་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིག་པ་དེ་དག་ཀྱང་དམྱིགས་ལ། སོ་སོ་ཡང་དག་པར་རིག་པ་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མྱེད་པར། སྙིང་རྗེ་ཆེན་པོ་སྒོམ་སྟེ། དམྱིགས་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་དེ་ཡང་དམྱིགས་ལ་སྙིང་རྗེ་ཆེན་པོ་དེས་ཀྱང་རློམ་སེམས་སུ་བྱེད་དོ། །​དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7478#UT22084-014-001-7478