Degé Kangyur volume 15, F.259.b

མ་ཡིན་གྱི། མ་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མ་རིག་པའོ། །​འདུ་བྱེད་ཀྱི་སྟོང་པ་ཉིད་ཀྱིས། འདུ་བྱེད་སྟོང་པ་མ་ཡིན་གྱི། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །​རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །​མྱིང་དང་གཟུགས་ཀྱི་སྟོང་པ་ཉིད་ཀྱིས། མྱིང་དང་གཟུགས་སྟོང་པ་མ་ཡིན་གྱི། མྱིང་དང་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མྱིང་དང་གཟུགས་སོ། །​སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་ཀྱིས། སྐྱེ་མཆེད་དྲུག་སྟོང་པ་མ་ཡིན་གྱི། སྐྱེ་མཆེད་དྲུག་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ། །​རེག་པའི་སྟོང་པ་ཉིད་ཀྱིས། རེག་པ་སྟོང་པ་མ་ཡིན་གྱི། རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རེག་པའོ། །​ཚོར་བའི་སྟོང་པ་ཉིད་ཀྱིས། ཚོར་བ་སྟོང་པ་མ་ཡིན་གྱི། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཚོར་བའོ། །​སྲེད་པའི་སྟོང་པ་ཉིད་ཀྱིས། སྲེད་པ་སྟོང་པ་མ་ཡིན་གྱི། སྲེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སྲེད་པའོ། །​ལེན་པའི་སྟོང་པ་ཉིད་ཀྱིས། ལེན་པ་སྟོང་པ་མ་ཡིན་གྱི། ལེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ལེན་པའོ། །​སྲིད་པའི་སྟོང་པ་ཉིད་ཀྱིས། སྲིད་པ་སྟོང་པ་མ་ཡིན་གྱི། སྲིད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྲིད་པའོ། །​སྐྱེ་བའི་སྟོང་པ་ཉིད་ཀྱིས། སྐྱེ་བ་སྟོང་པ་མ་ཡིན་གྱི། སྐྱེ་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྐྱེ་བའོ། །​རྒ་ཤིའི་སྟོང་པ་ཉིད་ཀྱིས། རྒ་ཤི་སྟོང་པ་མ་ཡིན་གྱི། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྒ་ཤིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་མ་ཡིན་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཀྱིས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7165#UT22084-014-001-7165