Degé Kangyur volume 15, F.259.a

བའི་སྟོང་པ་ཉིད་ཀྱིས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །​སའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། སའི་ཁམས་སྟོང་པ་མ་ཡིན་གྱི། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་སའི་ཁམས་སོ། །​ཆུའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། ཆུའི་ཁམས་སྟོང་པ་མ་ཡིན་གྱི། ཆུའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ཆུའི་ཁམས་སོ། །​མྱེའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། མྱེའི་ཁམས་སྟོང་པ་མ་ཡིན་གྱི། མྱེའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་མྱེའི་ཁམས་སོ། །​རླུང་གི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། རླུང་གི་ཁམས་སྟོང་པ་མ་ཡིན་གྱི། རླུང་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རླུང་གི་ཁམས་སོ། །​ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། ནམ་མཁའི་ཁམས་སྟོང་པ་མ་ཡིན་གྱི། ནམ་མཁའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ཀྱིས། རྣམ་པར་ཤེས་པའི་ཁམས་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ། །​མ་རིག་པའི་སྟོང་པ་ཉིད་ཀྱིས། མ་རིག་པ་སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7164#UT22084-014-001-7164