Degé Kangyur volume 15, F.244.b

ཡིད་ལ་བྱ་བས། རྣམ་པར་ཤེས་པ་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། འདུ་བྱེད་སྡུག་བསྔལ་པའི་རྣམ་པར་རྟོག་པར་བྱེད་དེ། དེ་མྱི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་ཤེས་པ་སྡུག་བསྔལ་བའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་བདག་མྱེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་བདག་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་བདག་མེད་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མྱི་དམྱིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7135#UT22084-014-001-7135