Degé Kangyur volume 15, F.244.a

བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། གཟུགས་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཚོར་བ་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་ཤེས་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། འདུ་བྱེད་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་རྟོག་སྟེ། དེ་མི་དམིགས་སོ། །​རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་ཚོར་བ་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་ཤེས་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་མི་རྟག་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7134#UT22084-014-001-7134