Degé Kangyur volume 15, F.214.a

ན་བྱིས་པ་ཞེས་བྱའོ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐབས་མི་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེན། ནང་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། ཕྱི་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། ཕྱི་ནང་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། སྟོང་པ་ཉིད་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། ཆེན་པོ་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། དོན་དམ་པ་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། འདུས་བྱས་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། འདུས་མ་བྱས་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བརྟགས་ཤིང་མངོན་པར་ཞེན། ཐོག་མ་དང་ཐ་མ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7074#UT22084-014-001-7074