Degé Kangyur volume 15, F.213.b

ཡིན། ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་ཞེན་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཞེན་པ་ཡིན། དབང་པོ་རྣམས་ལ་མངོན་པར་ཞེན་པ་ཡིན། སྟོབས་རྣམས་ལ་མངོན་པར་ཞེན་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཞེན་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་ཞེན་པ་ཡིན། འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཞེན་པ་ཡིན། བསམ་གཏན་རྣམས་ལ་མངོན་པར་ཞེན་པ་ཡིན། ཚད་མེད་པ་རྣམས་ལ་མངོན་པར་ཞེན་པ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཞེན་པ་ཡིན། རྣམ་པར་ཐར་པ་བརྒྱད་ལ་མངོན་པར་ཞེན་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མངོན་པར་ཞེན་པ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མངོན་པར་ཞེན་པ་ཡིན། མངོན་པར་ཤེས་པ་རྣམས་ལ་མངོན་པར་ཞེན་པ་ཡིན། ཏིང་ངེ་འཛིན་རྣམས་ལ་མངོན་པར་ཞེན་པ་ཡིན། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཞེན་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་ཞེན་པ་ཡིན། མི་འཇིགས་པ་བཞི་ལ་མངོན་པར་ཞེན་པ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལ་མངོན་པར་ཞེན་པ་ཡིན། བྱམས་པ་ཆེན་པོ་ལ་མངོན་པར་ཞེན་པ་ཡིན། སྙིང་རྗེ་ཆེན་པོ་ལ་མངོན་པར་ཞེན་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མངོན་པར་ཞེན་པ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མངོན་པར་ཞེན་པ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་ཞེན་པ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལ་མངོན་པར་ཞེན་པ་ཡིན། དགྲ་བཅོམ་པ་ཉིད་ལ་མངོན་པར་ཞེན་པ་ཡིན། རང་བྱང་ཆུབ་ལ་མངོན་པར་ཞེན་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་ཞེན་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7073#UT22084-014-001-7073