Degé Kangyur volume 15, F.211.b

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ཕྱིར་མི་འོང་བའི་འབྲས་བུ་ཕྱིར་མི་འོང་བའི་འབྲས་བུས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རང་བྱང་ཆུབ་རང་བྱང་ཆུབ་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །​དེ་དག་ནི་གནས་པ་མ་ཡིན་པ་སྟེ། ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་མ་ཡིན། ནང་སྟོང་པ་ཉིད་ལ་གནས་པ་མ་ཡིན། ཕྱི་སྟོང་པ་ཉིད་ལ་གནས་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ལ་གནས་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ལ་གནས་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པ་མ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་པ་མ་ཡིན། དོར་བ་མེད་པ་སྟོང་པ་ཉིད་ལ་གནས་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ལ་གནས་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་མ་ཡིན། མི་དམིགས་པ་སྟོང་པ་ཉིད་ལ་གནས་པ་མ་ཡིན། དངོས་པོ་མེད་པ་སྟོང་པ་ཉིད་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7069#UT22084-014-001-7069