Degé Kangyur volume 15, F.206.b

སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །​དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མེད་པ་ལ་མངོན་པར་ཞེན་པས། སྲེད་པ་ལ་མངོན་པར་ཞེན་ཏེ། དེ་དག་གིས་མེད་པ། ཡོངས་སུ་བརྟགས་པས། མེད་པ་ལ་མངོན་པར་ཞེན་ཅིང་། འདི་ལྟ་སྟེ། ཆད་པ་དང་། རྟག་པའི་མཐའ་གཉིས་ལ་ཆགས་པས་དེ་དག་མི་ཤེས་མི་མཐོང་སྟེ། གང་མེད་པའི་ཆོས་དེ་དག་ཡོངས་སུ་བརྟགས་ནས། མིང་དང་གཟུགས་ལ་མངོན་པར་ཞེན་པ་དེ་དག །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན་ཏོ། །​ནང་སྟོང་པ་ཉིད་ལ་མངོན་པར་ཞེན་ཏོ། །​ཕྱི་སྟོང་པ་ཉིད་ལ་མངོན་པར་ཞེན་ཏོ། །​ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཞེན་ཏོ། །​སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་ཞེན་ཏོ། །​ཆེན་པོ་སྟོང་པ་ཉིད་ལ་མངོན་པར་ཞེན་ཏོ། །​དོན་དམ་པ་སྟོང་པ་ཉིད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7059#UT22084-014-001-7059