Degé Kangyur volume 15, F.172.a

ཉིད་མེད་དེ། སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​ཡང་དག་པར་སྤོང་བ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཡང་དག་པར་སྤོང་བ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཡང་དག་པར་སྤོང་བ་རྣམས་མེད། ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ། ཡང་དག་པར་སྤོང་བ་ཉིད་ཀྱང་སྟོང་པ་ཉིད་དོ། །​རྫུ་འཕྲུལ་གྱི་རྐང་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །​དབང་པོ་ལྔའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དབང་པོ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དབང་པོ་རྣམས་མེད། དབང་པོ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དབང་པོ། དབང་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །​སྟོབས་ལྔའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྟོབས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྟོབས་རྣམས་མེད། སྟོབས་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྟོབས། སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བྱང་ཆུབ་ཀྱི་ཡན་ལག། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་སྟོང་པ་ཉིད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འཕགས་པའི་ལམ་ཡན་ལག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6990#UT22084-014-001-6990