Degé Kangyur volume 72, F.163.b

༄༅༅། །​རྒྱ་གར་སྐད་དུ། ཏ་མོ་བ་ན་མུ་ཁ་ནཱ་མ་སཱུ་ཏྲ། བོད་སྐད་དུ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ངམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས་རི་ཁྲོད་ཀྱི་གྲོང་ཞིག་ན། བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་སྤུན་བུ་འདོད་པའི་ཕྱིར་བྲམ་ཟེའི་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh314.html?part=UT22084-072-014-295#UT22084-072-014-295