Degé Kangyur volume 72, F.130.b

༄༅༅། །​བོད་སྐད་དུ། མཆོག་ཏུ་གདགས་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་གནས་པར་དམ་བཅས་ཏེ་བཞུགས་སོ། །​དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་གསུམ་ན་མཆོག་ཏུ་གདགས་པ་ཡིན་ཏེ། གསུམ་གང་ཞེ་ན། སངས་རྒྱས་མཆོག་ཏུ་གདགས་པ་དང་། ཆོས་མཆོག་ཏུ་གདགས་པ་དང་། དགེ་འདུན་མཆོག་ཏུ་གདགས་པའོ། །​དེ་ལ་སངས་རྒྱས་མཆོག་ཏུ་གདགས་པ་གང་ཞེ་ན། སེམས་ཅན་རྐང་མེད་རྣམས་སམ། རྐང་གཉིས་རྣམས་སམ། རྐང་བཞི་རྣམས་སམ། རྐང་མངས་རྣམས་སམ། གཟུགས་ཅན་རྣམས་སམ། གཟུགས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཅན་རྣམས་སམ། འདུ་ཤེས་ཅན་མ་ཡིན་པ་རྣམས་སམ། འདུ་ཤེས་ཡོད་པ་ཡང་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh305.html?part=UT22084-072-005-111#UT22084-072-005-111