Degé Kangyur volume 102, F.133.a

ཟློག་པ་ཆེན་མོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ནས་གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ་གཙུག་ལག་ཁང་ངམ། གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། གྲོང་རྡལ་ལམ། དུར་ཁྲོད་དམ། རིའམ། དགོན་པའི་གནས་སུ་གཟུགས་སོ། །​གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི་རིམ་གྲོ་ཆེར་བྱས་ཏེ། བཙུགས་པ་ཙམ་གྱིས་གཡུལ་ཞི་བར་བྱས་པར་འགྱུར་རོ། །​ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་ཐམས་ཅད་དང་། ཕ་རོལ་གྱི་དམག་ཚོགས་རྣམས་རབ་ཏུ་ཞི་བར་འགྱུར་རོ། །​ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་དུངསྐྱོང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། དེ་དག་དང་གཞན་ཡང་ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་ཀྱང་དུས་དུས་སུ་ཆར་འབེབས་སོ། །​དུས་དུས་སུ་གློག་འབྱིན་ཏོ། །​དུས་དུས་སུ་འབྲུག་སྒྲོགས་སོ། །​ནད་དང་གནོད་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །​ཨོྃ་ཧཱུྃ་ཥྚོྃ་བནྡྷ་བནྡྷ་སརྦ་དུཥྚ་ན་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་སཏྭཱཤྩ་སྭཱ་ཧཱ། ཨོཾ་ཧཱུྃ་ཥྚོྃ་བནྡྷ་བནྡྷ་སརྦ་དུཥྚཱན་རཀྵ་རཀྵ་མ་མ་ས་བ་རི་བཱ་ར་སྱ་སརྦ་སཏྭཱཾ་ཤྩ་བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཨོྃ་སརྦ་ཏ་ཐཱ་གཏོཥྞཱི་ཥ་ཨ་བ་ལོ་ཀི་ཏེ་མཱུརྡྷ་ནི་ཏེ་ཛོ་རཱ་ཤི། ཨོྃ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། དྷ་ཀ་དྷ་ཀ །​དྷ་ར་དྷ་རི། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ་ཧཱུྃ་ཧཱུྃ་ཕཊ་ཕཊ། རཀྵ་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་ས་ཏྭཱཾ་ཤྩ་སྭཱ་ཧཱ། ཨོྃ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་བ་ཏྲེ་ཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ར་ཀྵ་རཀྵ་མ་མ་ས་པ་རི་བཱ་ར་སྱ་སརྦ་ས་ཏྭཱཾ་ཤྩ་ཧཱུྃ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨོྃ་ཨ་ན་ལེ། ཨ་ན་ལེ། ཨ་ཙ་ལེ། ཨ་ཙ་ལེ། ཁ་ས་མེ་ཁ་ས་མེ། བཱི་རེ་བཱི་རེ། བཻ་ར་བཻ་ར། སཽ་མེ་སཽ་མེ་སརྦ་བུདྡྷ་ཨ་དྷིཥྵཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོ་ཥི་ཥ་སི་ཏཱ་ཏ་པ་ཏྲེ་སརྦ་དུཥྚ་ཙི་ཏྟཱ་ན་ཧཱུྃ་ཕཊ་སྭཱ་ཧཱ། སངས་རྒྱས་ཀྱི་རྣལ་འབྱོར་གྱིས་ཤིག་པ་ཐམས་ཅད་ལ་ལན་གསུམ་བཟླས་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh985.html?part=UT22084-090-034-427#UT22084-090-034-427