Degé Kangyur volume 26, F.110.b

པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་རྟག་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་རྟག་པ་དང་། ཚོར་བ་མི་རྟག་པ་དང་། འདུ་ཤེས་རྟག་པ་དང་། འདུ་ཤེས་མི་རྟག་པ་དང་། འདུ་བྱེད་རྟག་པ་དང་། འདུ་བྱེད་མི་རྟག་པ་དང་། རྣམ་པར་ཤེས་པ་རྟག་པ་དང་། རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདེ་བའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདེ་བ་དང་། ཚོར་བ་སྡུག་བསྔལ་བ་དང་། འདུ་ཤེས་བདེ་བ་དང་། འདུ་ཤེས་སྡུག་བསྔལ་བ་དང་། འདུ་བྱེད་བདེ་བ་དང་། འདུ་བྱེད་སྡུག་བསྔལ་བ་དང་། རྣམ་པར་ཤེས་པ་བདེ་བ་དང་། རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6834#UT22084-026-001-6834