Degé Kangyur volume 26, F.106.a

ཀྱི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་དང་། མེའི་ཁམས་ཀྱི་དེ་བཞིན་ཉིད་དང་། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དང་། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་དང་། མེའི་ཁམས་ཀྱི་དེ་བཞིན་ཉིད་དང་། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དང་། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་དང་། མེའི་ཁམས་ཀྱི་དེ་བཞིན་ཉིད་དང་། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དང་། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6825#UT22084-026-001-6825