Degé Kangyur volume 26, F.105.a

པའི་ཁམས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་དང་། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། སྣའི་ཁམས་ཀྱི་དེ་བཞིན་ཉིད་དང་། དྲིའི་ཁམས་ཀྱི་དེ་བཞིན་ཉིད་དང་། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། ལྕེའི་ཁམས་ཀྱི་དེ་བཞིན་ཉིད་དང་། རོའི་ཁམས་ཀྱི་དེ་བཞིན་ཉིད་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། ལུས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་དང་། རེག་བྱའི་ཁམས་ཀྱི་དེ་བཞིན་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང་། ཡིད་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། ཆོས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་མིག་གི་ཁམས་ཀྱི་དེ་བཞིན་ཉིད་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་ཁམས་ཀྱི་དེ་བཞིན་ཉིད་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྣ་བའི་ཁམས་ཀྱི་དེ་བཞིན་ཉིད་དང་། སྒྲའི་ཁམས་ཀྱི་དེ་བཞིན་ཉིད་དང་། རྣ་བའི་རྣམ་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6823#UT22084-026-001-6823