Degé Kangyur volume 26, F.97.b

འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མེད་དོ། །​གང་ཡང་ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​ལུས་ལ་ཆགས་པར་འགྱུར་བ་མེད་དོ། །​རེག་བྱ་ལ་ཆགས་པར་འགྱུར་བ་མེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མེད་དོ། །​གང་ཡང་ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​ཡིད་ལ་ཆགས་པར་འགྱུར་བ་མེད་དོ། །​ཆོས་ལ་ཆགས་པར་འགྱུར་བ་མེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མེད་དོ། །​གང་ཡང་ཡིད་དང་ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​འདུས་བྱས་ཀྱི་ཁམས་ལ་ཆགས་པར་འགྱུར་བ་མེད་དོ། །​འདུས་མ་བྱས་ཀྱི་ཁམས་ལ་ཆགས་པར་འགྱུར་བ་མེད་དོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མེད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མེད་དོ། །དེ་དག་གི་མིང་དང་མཚན་ཉིད་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​བྱང་ཆུབ་སེམས་དཔའི་ལུས་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​ཤའི་མིག་ལ་ཆགས་པར་འགྱུར་བ་མེད་དོ། །​ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6808#UT22084-026-001-6808