Degé Kangyur volume 101, F.168.a

པར་འགྱུར་རོ། །​འབུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །​གལ་ཏེ་མཚམས་མེད་པ་ལྔ་བྱས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་ང་ཉིད་མཚམས་མེད་པ་ལྔ་བྱེད་པ་ཡིན་ཞིང་། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །​རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh895.html?part=UT22084-089-006-54#UT22084-089-006-54