Degé Kangyur volume 25, folio 390b

འདུ་ཤེས་དང་བྲལ་བར་བྱེད་ཅིང་། བདག་གི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། སེམས་ཅན་གྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། སེམས་ཅན་གྱི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། སྲོག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། སྲོག་གི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། འགྲོ་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། འགྲོ་བའི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། གསོ་བའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། གསོ་བའི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། སྐྱེས་བུའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། སྐྱེས་བུའི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། གང་ཟག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། གང་ཟག་གི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། ཤེད་ཅན་གྱི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། ཤེད་ཅན་གྱི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། ཤེད་བདག་གི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། ཤེད་བདག་གི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། བྱེད་པ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། བྱེད་པ་པོའི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། ཚོར་བ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། ཚོར་བ་པོའི་འདུ་ཤེས་དང་ཕྲལ་ནས། སྟོང་པ་ཉིད་ཀྱིས་འཁོར་བ་ལས་འགྲེལ་པ་དང་། ཤེས་པ་པོའི་འདུ་ཤེས་དང་བྲལ་བར་བྱེད་ཅིང་། ཤེས་པ་པོའི་འདུ་ཤེས་དང་