Degé Kangyur volume 25, folio 385b

སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ། དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། སའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ། ཆུའི་ཁམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་སྟོང་པ་ཉིད་མ་ཡིན་ནམ།