Degé Kangyur volume 25, folio 382b

བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ཏེ། བཅོམ་ལྡན་འདས་ཆོས་དེ་དག་ནི་ཀུན་ཀྱང་གཅིག་དང་གཅིག་ཏུ་མྱི་འདྲ་བ། གཅིག་ལས་གཅིག་འདས་པའོ། །​བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་ཆོས་ཉིད་ཀྱང་གཞན་ལ། ཚོར་བའི་ཆོས་ཉིད་ཀྱང་གཞན། འདུ་ཤེས་ཀྱི་ཆོས་ཉིད་ཀྱང་གཞན། འདུ་བྱེད་ཀྱི་ཆོས་ཉིད་ཀྱང་གཞན། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན་ཏེ། མྱིག་གི་ཆོས་ཉིད་ཀྱང་གཞན། རྣ་བའི་ཆོས་ཉིད་ཀྱང་གཞན། སྣའི་ཆོས་ཉིད་ཀྱང་གཞན། ལྕེའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་ཆོས་ཉིད་ཀྱང་གཞན། གཟུགས་ཀྱི་ཆོས་ཉིད་ཀྱང་གཞན། སྒྲའི་ཆོས་ཉིད་ཀྱང་གཞན། དྲིའི་ཆོས་ཉིད་ཀྱང་གཞན། རོའི་ཆོས་ཉིད་ཀྱང་གཞན། རེག་གི་ཆོས་ཉིད་ཀྱང་གཞན། ཆོས་ཀྱི་ཆོས་ཉིད་ཀྱང་གཞན། མྱིག་གི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། རྣ་བའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། སྣའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལྕེའི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ལུས་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། ཡིད་ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་གཞན། མྱིག་གི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། རྣ་བའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། སྣའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་གཞན། ལྕེའི་འདུས་ཏེ་རེག་པའི་ཆོས་ཉིད་ཀྱང་