Degé Kangyur volume 25, folio 381a

དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའོ། །​དེ་ཉིད་ནི་རང་སངས་རྒྱས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའོ། །​དེ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་སྟེ། དེ་དག་ཐམས་ཅད་ནི་ཆོས་མཉམ་པ་ཉིད་དེ་དེ་ལས་རྣམ་པར་མྱི་འདའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་དེ་ཉིད་ཡིན་ཏེ། དེ་དག་ལས་ཆོས་མཉམ་པ་ཉིད་ཅེས་བྱ་བ་གཞན་གང་ཡང་མྱེད་དོ། །​རབ་འབྱོརད་ཀྱིས་གསོལད་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཆོས་མཉམ་པ་ཉིད་གང་ལགས་པ་དེ་ཉིད། དད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་བརྒྱད་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་རྒྱུན་ཏུ་ཞུགས་པ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་ཆོས་མཉམ་པ་ཉིད། དེ་ཉིད་ཕྱིར་མྱི་འོང་བ་