Degé Kangyur volume 15, F.61.b

བྱང་ཆུབ་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མྱི་དམིགས་སོ། །​མ་ནོར་བ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​གཞན་མ་ཡིན་པ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཆོས་ཉིད་ཆོས་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཆོས་ཀྱི་གནས་ཉིད་ཆོས་ཀྱི་གནས་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཆོས་སྐྱོན་མེད་པ་ཉིད་ཆོས་སྐྱོན་མེད་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཡང་དག་པའི་མཐའ་ཡང་དག་པའི་མཐས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །​དེ་ཇི་ལྟ་ཇི་ལྟར་ལུས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7810#UT22084-014-001-7810